English | 简体中文 | 繁體中文
查询

爱情歌词

作曲 : 旦增
作词 : 东格桑
བརྩེ་དུང་།
གཞས་པ། ཡིད་བརྟན་ཕུན་ཚོགས།
གལ་ཏེ་ཁྱེད་ཀྱིས་ང་རང་བསྐྱུར་བའི་ཚེ།
ང་ནི་འཇིག་རྟེན་འདི་རུ་ཇི་ལྟར་འཚོ།
ཉིན་མོ་ལ་ཁར་འཛེགས་ཏེ།
མཚན་མོའི་རྔ་མ་ཕུད་ནས།
སྨག་གི་རྟ་ཕོ་བཞོན་ཞིང་།
ད་དུང་་ཁྱེད་རང་སྒུག་ཡོད།
སྐྱོ་བའི་མཆི་མ་ཁོག་ཏུ་མིད་ན་ཡང་།
སྡུག་གི་རི་མོ་གདོང་ལ་དོན་ཡོང་འདུག
བརྩེ་དུང་བརྩེ་དུང་ཟེར་བ་རྒྱུ་མཚན་མེད།
ཨོ་་་་་་ཁྱེད་རང་དྲན་པ་རྒྱུ་མཚན་ཡོད།
རྒྱུ་མཚན་ལུང་པ་གང་ལ།
མི་དགའ་ཟེར་ས་མིན་འདུག
བརྩེ་དུང་གནམ་ས་ཙམ་ལ།
མི་མཁོ་ཟེར་ས་མིན་འདུག
གླུ་གཞས་གསན་པར་ཐུགས་རྗེ་ཆེ།
གལ་ཏེ་ཁྱེད་ཀྱིས་ཁོ་རང་གདམས་པའི་ཚེ།
ང་ནི་འཚོ་བ་འདི་ལ་ཇི་ལྟར་རོལ།
གཞོན་པའི་ལང་ཚོ་བརྒལ་ཏེ།
རྒས་པའི་ལོ་ཚོད་ལེན་ནས།
འཆི་བའི་རྟ་ཕོ་བཞོན་ཞིང་།
ད་དུང་ཁྱེད་རང་སྒུག་ངེས།
མཛེས་པའི་ལང་ཚོ་ཕྱི་ལ་ཡོལ་ན་ཡང་།
བརྩེ་བའི་རི་མོ་སེམས་ལ་དོན་ཡོང་འདུག
མི་ཚེ་མི་ཚེ་ཟེར་བ་རྒྱུ་མཚན་མེད།
ཨོ་་་་་་ཁྱེད་རང་དྲན་པ་རྒྱུ་མཚན་ཡོད།
རྒྱུ་མཚན་ལུང་པ་གང་ལ།
མི་དགའ་ཟེར་ས་མིན་འདུག
བརྩེ་དུང་གནམ་ས་ཙམ་ལ།
མི་མཁོ་ཟེར་ས་མིན་འདུག
གླུ་གཞས་གསན་པར་ཐུགས་རྗེ་ཆེ།
ཨོ་་་་་་ཁྱེད་རང་དྲན་པ་རྒྱུ་མཚན་ཡོད།
རྒྱུ་མཚན་ལུང་པ་གང་ལ།
མི་དགའ་ཟེར་ས་མིན་འདུག
བརྩེ་དུང་གནམ་ས་ཙམ་ལ།
མི་མཁོ་ཟེར་ས་མིན་འདུག
མི་དགའ་ཟེར་ས་མིན་འདུག
བརྩེ་དུང་གནམ་ས་ཙམ་ལ།
མི་མཁོ་ཟེར་ས་མིན་འདུག
补充纠错
上一曲的歌名: 你幸福就好歌词